Home Online United States of America ༄༅།།དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་མ་སོ་བརྒྱད་པ།།
2025 Kalachakra Empowerment for a Golden Age of Peace, October 3rd to 5th

༄༅།།དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་མ་སོ་བརྒྱད་པ།།

འདི་ནི་དུས་སྟབས་བསྟུན་ནས་མི་སྒེར་དང་དྲ་ཐོག་གཉིས་ནས་ཐོབ་ཐུབ།།

སྤྱི་ནོར་༧གོང་ས་སྐྱབས་མགོན་མཆོག་གིས་བཀའ་བསྩལ་བ་ལྟར་དུ། དཔལ་དུས་ཀྱི་འཁོར་ལོ་ལ་ཐུག་དུས། དཔལ་ལྡན་རྒྱལ་བ་ཇོ་ནང་བའི་ཅི་གསུང་ནའང་། ལེགས་སོ་ཡིན་དང་ཡིན་ཟེར་བ་ལས་མེད་པ་རེད་གསུང་བ་བཞིན་དུ། དཔལ་དུས་ཀྱི་འཁོར་ལོའི་བསྐྱེད་རྫོགས་ཆ་ཚང་བ་ཞིག་གི་བཀའ་བབ་པ་ནི།ད་ལྟའི་དུས་སུ་རྒྱལ་བ་ཇོ་ནང་བ་མ་གཏོགས་སའི་གོ་ལ་ཧྲིལ་བོ་འདིར་མེད་པས།

ད་རེས་ཇོ་ནང་བའི་བླ་མ་ཤར་མཁན་སྤྲུལ་རིན་པོ་ཆེ་འཇམ་དཔལ་བློ་གྲོས་མཆོག་གིས། དྲྭ་ལམ་ནས། སྔོན་འགྲོའི་གསུང་ཆོས་ལ་ཤམྦྷ་ལའི་སྐོར་ལ་འགྲེལ་བཤད་གསལ་རྒྱས་དང་། དཔལ་དུས་ཀྱི་འཁོར་ལོ་དང་དབང་གི་སྐོར་གྱི་ཉིང་དོན་མདོར་བསྡུས་ཁ་གསལ་གོ་བདེ་དང་། འབྱུང་འགྱུར་རྫོགས་ལྡན་ཕྱི་མ་ཇི་ལྟར་འཆར་བའི་རེ་འབད་སོགས་ལ་ཁ་གསལ་ལ་དོན་འདུས་པ་གནང་གཏན་ཁེལ་ཡོད་ལ། དབང་དངོས་གཞི་ཉིན་གཉིས་པོ་ཡང་ས་གནས་འདིར་གནང་གཏན་ཁེལ་ཡོད།


བོད་རིགས་ཡིན་ངེས་ཀུན་ལ་རིན་མེད་ཕེབས་ཆོག་པས། ཆེས་དཀོན་པའི་སྐལ་བ་བཟང་བོ་མི་འཆོར་བའི་སྨོན་འདུན་གྱི་རྟེན་འབྲེལ་བཟང་བོ་ཞུ།

ཤར་མཁན་སྤྲུལ་རིན་པོ་ཆེ་འཇམ་དཔལ་བློ་གྲོས་མཆོག་འཚམས་སྦྱོར་མདོར་བསྡུས།།
སྐྱེས་སྟོབས་ཀྱི་ཡོན་ཏན་ནི་དཔལ་དུས་ཀྱི་འཁོར་ལོའི་རྡོ་རྗེ་སློབ་དཔོན་ཞིག་གི་ཡང་སྲིད་དུ་ངོས་འཛིན་དང་།རྟགས་མཚན་མང་དུ་མཆིས་ལ།སྔོན་སྦྱངས་སད་རྟོགས་སུ་ཚེ་འདིར་སྦྱང་སྟོབས་ཀྱི་ཡོན་ཏན་ཆེས་མྱུར་བས། ས་དགེ་བཀའ་རྙིང་ཀུན་ལ་ཉམས་ཞིབ་དང་ཉམས་ལེན་ཡང་མང་དུ་གནང་པ་དང་། རྒྱལ་བ་ཇོ་ནང་བའི་ལུགས་ཀྱི་དཔལ་དུས་ཀྱི་འཁོར་ལོའི་རྫོགས་རིམ་སྦྱོར་བ་ཡན་ལག་དྲུག་ལ་ཉམས་ལེན་ཆུ་བོ་རྒྱུན་བཞིན་གནང་མཐར། མཁན་སྤྲུལ་རྡོ་རྡོ་སློབ་དཔོན་གྱི་མཚན་གནས་བཞེས་པ་དང་། མཚན་གནས་དེ་ནི་ཁོང་གི་རྩ་བའི་བླ་མ་མཁས་གྲུབ་གཉིས་ལྡན་མཁན་ཆེན་བླ་མ་བློས་འཕྲིན་སང་གིས་དངོས་སུ་གནང་ཞིང་།
ཕྱི་ལོ་༢༠༠༣ ལོ་ནས་༧གོང་ས་མཆོག་གིས་ཐུགས་བཀའ་ལྟར། ཆོས་ལུགས་རིས་སུ་མ་ཆད་པ་དང་། ཤམྦྷ་ལའི་གསང་བ་ཟབ་མོ། དཔལ་དུས་ཀྱི་འཁོར་ལོའི་ལམ་རིམ་ཉམས་ལེན་སོགས་ཀྱི་མཚོན།དཔེ་དེབ་རིན་ཐང་བྲལ་བ་མང་བོ་བྲིས་ནས་སྐད་རིགས་བཅོ་ལྔ་ཙམ་གྱི་ནང་དུ་འགྱུར་ཞིང་བསྒྱུར་བཞིན་པ་དང་། རྒྱལ་ཁབ་སུམ་བཅུ་ཙམ་གྱི་ནང་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཞི་དྲག་ལྷན་སྐྱེས་བཅས་པ་ཐེངས་སོ་བརྒྱད་ཙམ་ལ་གནང་ཡོད་འདུག།
ཆེས་གལ་ཆེ་བ་ལ། ཁོང་གིས་དུས་འཁོར་དབང་གནང་དུས་དབང་ཆ་ཚང་གོམ་པ་རིམ་བགྲོད་ཅན་གྱི་དེབ་གནང་བ་དང་།ཁོང་གིས་ངག་ཐོག་ནས་ལས་སླ་བོའི་སྒོ་ནས་ངོ་སྤྲོད་ལྷུག་པོར་གནང་སྲོལ་ཡོད་ལ། དབང་གནང་དུས་མི་མང་པོའི་མི་ཚེའི་ཁ་ཕྱོགས་ལ་ཤུགས་རྐྱེན་བཟང་བོ་མང་དུ་ཐོབ་ཡོད་པའི་ལོ་རྒྱུས་མང་ཡོད་པས། འདི་ལ་མཉམ་ཞུགས་གནང་བྱེད་པ་གལ་ཆེན་དུ་གཟིགས་འཚལ།

འཛམ་གླིང་ཞི་བདེའི་ཆེད་དུས་འཁོར་དབང་ཆེན།
དུས་འཁོར་གྱི་རྒྱུད་ནི།ཐོག་མར་སངས་རྒྱས་ཤཱཀྱ་ཐུབ་པས་ཤམ་བྷ་ལའི་རྒྱལ་པོ་རྣམས་ལ་གསུངས་པ་དེས་མ་འོངས་པར་འཛམ་གླིང་ཞི་བདེའི་གསེར་གྱི་དུས་རབས་ཤིག་ཡོང་བའི་ལུང་བསྟན་འདུས་ཡོད། དབང་འདི་ཐོབ་པ་ལ་བརྟེན་ནས་ཁྱེད་ཀྱིས་དུས་རབས་དེ་འབྱུང་བའི་ཆ་རྐྱེན་བསྐྲུན་པར་རོགས་རམ་བྱེད་ཐུབ།

མཁན་སྤྲུལ་རིན་པོ་ཆེ་མཆོག་ནི་ཁོང་གིས་སློབ་ཚོགས་རྣམས་ཀྱིས་ནང་སེམས་ཀྱི་སྨོན་འདུན་ལ་བཅོས་བསྒྱུར་བྱེད་པར་དམ་བཅའ་བརྟན་ལ་རྣམ་དཔྱོད་ཀྱི་ཁུངས་བཙན་པ་ཞིག་རེད།
ཁོང་གིས་ཆོས་ཁྲིད་ནི་གོ་བདེ་ལ་ཁ་གསལ་བ་སྙིང་རྗེ་དང་བརྩེ་བའི་ཕྱུགས་ལ།ཁོང་གིས་རྒྱ་ཆེ་བའི་རྣམ་དཔྱོད་རྣམས་འགྲོ་བ་མི་ཚང་མར་ཐོབ་ཐུབ་པ་བཟོས་ཡོད།

ནུབ་རྒྱུད་ཨ་རིའི་དུས་ཚོད་ཁུལ།
དབང་བསྐུར་གྱི་སྔོན་འགྲོའི་བྱེད་སྒོ།

༢༠༢༥ ཟླ་ ༡༠ ཚེས་ ༡ རེས་གཟའ་ལྷག་པ།
ཚོགས་ཐུན་དང་པོ་ – ཕྱི་དྲོའི་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར།
ཆོ་ག་སྒོ་འབྱེད་དང་ཆོས་ཁྲིད།

༢༠༢༥ ཟླ་ ༡༠ ཚེས་ ༢ རེས་གཟའ་ཕུར་བུ།
ཚོགས་ཐུན་ ༢ – ཕྱི་དྲོའི་ཆུ་ཚོད་ ༧:༣༠ ནས་ ༩:༣༠ ནས་ཕྱི་དྲོ་ཆུ་ཚོད་ ༡༢:༣༠ བར།
དབང་བསྐུར་སྔོན་གྱི་ཆོ་ག་དང་ཆོས་ཁྲིད།

༢༠༢༥ ཟླ་ ༡༠ ཚེས་ ༣ རེས་གཟའ་པ་སངས།
ཚོགས་ཐུན་གསུམ་པ། ཕྱི་དྲོའི་ཆུ་ཚོད་ ༧:༣༠ ནས་ ༩:༣༠ བར།
དབང་བསྐུར་སྔོན་གྱི་ཆོ་ག་དང་ཆོས་ཁྲིད

དབང་གྲལ་ལ་ཞུགས་མཁན་རྣམས་ཁོ་ན།།

༢༠༢༥ ཟླ་ ༡༠ ཚེས་ ༤ རེས་གཟའ་སྤེན་པ།
ཚོགས་ཐུན་བཞི་པ་ – ཞོགས་པའི་ཆུ་ཚོད་ ༩:༠༠ ནས་ ༡༠:༠༠ བར། དབང་ཐོབ་པའི་སྟ་གོན་སྨོན་ལམ།
ཚོགས་ཐུན་ལྔ་པ་ – ཞོགས་པའི་ཆུ་ཚོད་ ༡༠:༠༠ ནས་ཕྱི་དྲོའི་ཆུ་ཚོད་ ༡:༠༠ བར། དུས་འཁོར་དབང་ཆེན་ཆ་༡ ..
ཚོགས་ཐུན་དྲུག་པ་ – ཕྱི་དྲོའི་ཆུ་ཚོད་ ༢:༠༠ – ཕྱི་དྲོའི་ཆུ་ཚོད་ ༤:༠༠ བར། གང་འདྲ་བྱས་ནས་དུས་འཁོར་ཉམས་ལེན་དང་དབང་བསྐུར་གྱི་གྲ་སྒྲིག་ཇི་ལྟར་བྱེད་དགོས་ཚུལ།
ཚོགས་ཐུན་བདུན་པ – ཕྱི་དྲོའི་ཆུ་ཚོད་༤:༣༠ ནས་ ༦:༠༠ བར། བྱམས་བརྩེ་དང་སྙིང་སྟོབས་ཀྱི་ཕ་རོལ་ཏུ་ཕྱིན་པ། བྱང་ཆུབ་སེམས་དཔའི་དཔའ་བོར་འགྱུར་བ།།

༢༠༢༥ ཟླ་ ༡༠ ཚེས་ ༥ རེས་གཟའ་ཉི་མ།
ཚོགས་ཐུན་༨ – ཞོགས་པའི་ཆུ་ཚོད་༩:༠༠ – ༡༠:༠༠ བར། དབང་བསྐུར་ཞུ་ལེན་གྱི་སྔོན་འགྲོའི་གསོལ་འདེབས།
ཚོགས་ཐུན་དགུ་པ་ཞོགས་པའི་ཆུ་ཚོད་༡༠:༠༠ནས་ཕྱི་དྲོའི་ཆུ་ཚོད་༡:༠༠བར། དུས་འཁོར་དབང་ཆེན་གྱི་ཆ་༢
ཚོགས་ཐུན་ ༡༠ ཕྱི་དྲོའི་ཆུ་ཚོད་ ༣:༠༠ ནས་ ༤:༣༠ བར། དུས་འཁོར་ཚོགས།
ཚོགས་ཐུན་༡༡ – ཕྱི་དྲོའི་ཆུ་ཚོད་༥:༠༠ – ཕྱི་དྲོའི་ཆུ་ཚོད་༧:༠༠ བར། དབང་བསྐུར་རྗེས་ཀྱི་ཆོ་ག – ཆུར་འབུལ་བ།

ཞར་ཞུང་།
རྩོམ་པ། [email protected]

Book Event

Form/ticket icon icon
དྲ་ཐོག་འཛུལ་ཞུག་དང་ རྒྱབ་སྐྱོར་བ་ཨ་སྒོར་༥༠
50 USD
Form/up small icon icon Form/down small icon icon
Available Tickets: Unlimited

དྲ་ཐོག་ཏུ་འཛུལ་ཞུགས་ཁོ་ན + བྱེད་སྒོ་འདིའི་ཆེད་དུ་རྒྱབ་སྐྱོར་བ་ཨ་སྒོར་༥༠

The "དྲ་ཐོག་འཛུལ་ཞུག་དང་ རྒྱབ་སྐྱོར་བ་ཨ་སྒོར་༥༠" ticket is sold out. You can try another ticket or another date.
Form/ticket icon icon
དྲ་ཐོག་འཛུལ་ཞུག་དང་ རྒྱབ་སྐྱོར་བ་ཨ་སྒོར་༢༠
20 USD
Form/up small icon icon Form/down small icon icon
Available Tickets: Unlimited

དྲ་ཐོག་ཏུ་འཛུལ་ཞུགས་ཁོ་ན + བྱེད་སྒོ་འདིའི་ཆེད་དུ་རྒྱབ་སྐྱོར་བ་ཨ་སྒོར༢༠

The "དྲ་ཐོག་འཛུལ་ཞུག་དང་ རྒྱབ་སྐྱོར་བ་ཨ་སྒོར་༢༠" ticket is sold out. You can try another ticket or another date.
Form/ticket icon icon
དྲ་ཐོག་འཛུལ་ཞུག་དང་ རྒྱབ་སྐྱོར་བ་ཨ་སྒོར་ $15
15 USD
Form/up small icon icon Form/down small icon icon
Available Tickets: Unlimited

དྲ་ཐོག་ཏུ་འཛུལ་ཞུགས་ཁོ་ན + བྱེད་སྒོ་འདིའི་ཆེད་དུ་རྒྱབ་སྐྱོར་བ་ཨ་སྒོར $15

The "དྲ་ཐོག་འཛུལ་ཞུག་དང་ རྒྱབ་སྐྱོར་བ་ཨ་སྒོར་ $15" ticket is sold out. You can try another ticket or another date.
Form/ticket icon icon
དྲ་ཐོག་བྱེད་སྒོར་མཉམ་ཞུགས།
No Cost
Form/up small icon icon Form/down small icon icon
Available Tickets: Unlimited

རིན་མེད་ཐོག་དྲ་ཐོག་ནས་འདི་གར་ཞུགས་གནང་།

The "དྲ་ཐོག་བྱེད་སྒོར་མཉམ་ཞུགས།" ticket is sold out. You can try another ticket or another date.
Tags:

Date

Oct 03 - 05 2025

Time

California, USA Timezone
All Day

Local Time

  • Timezone: America/Los_Angeles
  • Date: Oct 03 - 05 2025
  • Time: All Day

Location

Tibetan Association of Northern California
5200 Dalai Lama Ave, Richmond, CA 94804, United States
REGISTER

Speaker

  • Khentrul Rinpoche
    Khentrul Rinpoche
    Jonang Kalachakra & Rimé Master

    Khentrul Rinpoché Jamphel Lodrö is the founder and spiritual director of Dzokden. Rinpoche is the author of Unveiling Your Sacred Truth, The Great Middle Way: Clarifying the Jonang View of Other-Emptiness, A Happier Life, and The Hidden Treasure of the Profound Path.

    Rinpoche spent the first 20 years of his life herding yak and chanting mantras on the plateaus of Tibet. Inspired by the bodhisattvas, he left his family to study in a variety of monasteries under the guidance of over twenty-five masters in all the Tibetan Buddhist traditions. Due to his non-sectarian approach, he earned himself the title of Rimé (unbiased) Master and was identified as the reincarnation of the famous Kalachakra Master Ngawang Chözin Gyatso. While at the core of his teachings is the recognition that there is great value in the diversity of all spiritual traditions found in this world; he focuses on the Jonang-Shambhala tradition. Kalachakra (wheel of time) teachings contain profound methods to harmonize our external environment with the inner world of body and mind, ultimately bringing about the golden age of peace and harmony (dzokden).

X
QR Code